ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨེ་ཧམ་ཐུ་ཏིའི་བུ་མོ་དང་ཨ་རིའི་གྲོས་ཚོགས་འཐུས་མི།


རྒྱ་ནག་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་ཡུ་གུར་བ་དགེ་རྒན་ཆེན་མོ་ཨེ་ཧམ་ཐུ་ཏིའི་བུ་མོས་རང་གི་ཨ་ཕ་ཨ་རིའི་གྲོས་ཚོགས་འཐུས་མི་༡༣་གྱིས་༢༠༡༩་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིར་མཚན་འདོན་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

སྐུ་ཞབས་ཨེ་ཧམ་ཐུ་ཏིའི་བུ་མོ་ཇཱེ་ཧལ་ཐུ་ཏིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་ངའི་ཨ་ཕ་ནི་ཞི་བདེ་དར་སྤེལ་དང་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་པ་རྩོད་མཁན་ཞིག་ཡིན། ཁོང་གིས་དེའི་ཆེད་དུ་བློས་གཏོང་ཆེན་པོ་ཞིག་བྱས་ཡོད།།

ཁོང་ལ་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་དཀའ་སྡུག་མྱོང་བཞིན་ཡོད་ཅིང་། ངའི་ཨ་ཕའི་ལྷག་བསམ་རྣམ་དག་གི་བསམ་འཆར་དེ་རྣམས་ཁྲིམས་འགལ་ཡིན་པ་དང་དེ་ལ་ཚེ་བཙོན་གྱི་ནག་ཉེས་སུ་འགྱུར་དགོས་དོན་ཅི་ཡིན་ངས་གཏན་ནས་ཤེས་རྟོགས་ཐུབ་ཀྱི་མི་འདུག ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུ་ནི་མིང་དོན་མཚུངས་པ་ཞིག་ཡིན་པས་མཚན་འདོན་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་༡༣་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG