ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨེ་ཧམ་ཐུ་ཏི་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་དགོས།


ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་༡༣་གྱིས་གཟའ་མིག་དམར་ཉིན་མོར་ཐུན་མོང་གི་སྙན་ཞུ་ཞིག་ལ་མཚན་རྟགས་བཀོད་ནས་འཛམ་གླིང་གི་ནོ་བྷེལ་ཞི་བདེ་ལྷན་ཚོགས་ལ་༢༠༡༩་ལོའི་ཞི་བདེའི་བྱ་དགའ་འབུལ་ཡུལ་གྱི་འོས་མིའི་ཁོངས་སུ་༢༠༡༤་ལོ་ནས་རྒྱ་ནག་གཞུང་གིས་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཡུ་གུར་བ་སྟེ། སྔོན་ཆད་རྒྱ་ནག་གི་ཀྲུང་དབྱངས་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་ལས་ཁུར་བཞེས་མྱོང་མཁན་ཨེ་ཧམ་ཐུ་ཏི་ཚུད་དགོས་ཞེས་མཚན་འདོན་གནང་འདུག

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱར་ཀོ་རུ་བྷི་ཨོ་དང་ཁེ་རི་སི་སི་མི་ཐེ་གཉིས་གཙོས་གྲོས་ཚོགས་འཐུས་མི་༡༣་གྱིས་༢༠༡༩་ལོའི་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་ཡུ་གུར་བ་ཨེ་ཧམ་ཐུ་ཏི་མཚན་འདོན་གནང་བ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་འཛམ་གླིང་གིས་དོ་སྣང་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབད་བརྩོན་མུ་མཐུད་དེ་གནང་བཞིན་པ་མཚོན་ཐུབ་པར་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་དེ་དག་གིས་ནོ་བྷེལ་ཞི་བདེ་ལྷན་ཚོགས་ལ་ཕུལ་བའི་ཕྱག་བྲིས་ནང་དུ་༢༠༡༩་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འབུལ་ཡུལ་འོས་ཤོས་ནི་སྐུ་ཞབས་ཨེ་ཧམ་ཐུ་ཏི་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ནི་རྒྱ་ནག་གི་ཞི་བདེ་དང་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་མཚོན་རྟགས་ཞིག་རེད་ཅེས་འཁོད་ཡོད་པའི་ཞིབ་ཕྲའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG