ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝེ་ནེ་ཛུ་ལའི་སྲིད་འཛིན་ལ་གྲོས་མོལ་བྱ་འདོད་ཡོད་སྐད།


༄༅།། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོའི་སྲིད་ཞིག་དང་ཕྱོགས་འགལ་ཚོགས་པས་བསྐོ་བཞག་བྱས་པའི་བར་བརྒལ་སྲིད་འཛིན་གཅིག་བཅས་རྒྱལ་ཁབ་གཅིག་ལ་སྲིད་གཞུང་གཉིས་ཡོད་པ་སོགས་ཀྱིས་ཆབ་སྲིད་བརྟན་ལྷིང་མེད་ཅིང་། ད་དུང་རྒྱལ་ཁབ་དེའི་བདེ་འཇགས་དང་དཔལ་འབྱོར་གནས་སྟངས་ཀྱང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ནས་ཟིང་ཆ་ལང་གི་ཡོད་པས་སྲིད་འཛིན་མ་དྷུ་རོས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱ་ཕྱོགས་སུ་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་ཅེས་གསུངས་ཡོད་ཀྱང་སྲིད་འཛིན་འོས་འདེམས་བསྐྱར་བྱ་རྒྱུ་དགོས་པ་དེར་མོས་མཐུན་བྱས་མེད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG