ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

པ་ཀི་སི་ཐན་གྱི་ཡེ་ཤུའི་ཆོས་དད་པ་བུད་མེད་དེ་གློད་གྲོལ།


༄༅།། པ་ཀི་སི་ཐན་གྱི་ཡེ་ཤུའི་ཆོས་དད་པའི་བུད་མེད་ཅིག་གིས་ཁ་ཆེའི་ཆོས་ལུགས་ལ་སྐུར་འདེབས་བྱས་སོང་། ཁོ་མོར་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་དགོས་ཞེས་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ནས་ལས་འགུལ་སྤེལ་གྱི་ཡོད་མོད། འོན་ཀྱང་པ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྙན་ཞུ་འབུལ་བའི་ལས་འགུལ་དང་སྤྱི་ཚོགས་ཀྱི་ངོ་རྒོལ་ཁག་ལ་བརྩི་མེད་ཐོག་ཏུ་བུད་མེད་དེར་ཉེས་ཡངས་བཏང་ནས་གློད་གྲོལ་གཏོང་དགོས་ཞེས་བཅད་ཁྲ་བསྒྲགས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱི་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG