༄༅།། འདས་པའི་ལོ་༡༧་གྱི་རིང་ལ་ཨ་མི་རི་ཀའི་དམག་གིས་ཨབ་གྷ་ཎི་སི་ཏན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པ་དང་ཏ་ལི་བྷན་གྱེན་ལོག་ཤོག་ཁག་ལ་དམག་འཁྲུག་བརྒྱབ་ཡོད་ཅིང་། གཟའ་འཁོར་སྔོན་མར་ཨ་མི་རི་ཀ་དང་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་སྐུ་ཚབ་ཚོས་དཀྱིལ་ཤར་ས་ཁུལ་དུ་ཆགས་པའི་ཀ་ཏར་རྒྱལ་ཁབ་ཀྱི་ས་ཐོག་ཏུ་ཕྱོགས་གཉིས་ཀས་ཞི་བའི་གྲོས་མོལ་བྱས་ཏེ། ཏ་ལི་བྷན་ཤོག་ཁག་གི་སྐུ་ཚབ་གཙོ་གྲས་ཤིག་བསྐོ་བཞག་བྱས་པ་དེས་དོན་དོན་གྱི་གྲོས་མོལ་ཞིག་བྱ་འདོད་ཡོད་པའི་རྣམ་སྒྱུར་བསྟན་ཡོད་པས་ལོ་མང་གི་དམག་འཁྲུག་དེ་ཉིད་མཇུག་བསྒྲིལ་ཐུབ་པའི་རེ་བ་ཞིག་ཡོད་སྲིད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།