༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གིས་ཚོང་དོན་འགལ་རྐྱེན་སེལ་ནས་གྲོས་མཐུན་ཞིག་འཇོག་ཐུབ་པའི་གྲོས་མོལ་བྱེད་ཀྱི་ཡོད་པར་གྲུབ་འབྲས་གང་ལེགས་འཐོན་གྱིན་འདུག ཡིན་ནའང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་ངས་ཕྱིར་འཐེན་བྱ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་པའི་གསར་འགྱུར་ཞིག་སྤེལ་བ་བདེན་པ་མ་རེད་ཅེས་གཟའ་མཇུག་དེར་འགྲེལ་བཤད་བརྒྱབ་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།