ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གསར་ཁང་སྐད་གྲགས་ཅན་ཞིག་གིས་བོད་མོ་ཞིག་གླེང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བུད་མེད་ཅིག་གིས་རང་གི་སྐྱེས་ཡུལ་བོད་དང་ཐག་རིང་སའི་གླིང་གཞན་ཞིག་ཏུ་ཡང་ཆུང་དུས་ཨ་མས་བསླབས་པའི་སྲོལ་རྒྱུན་བོད་ཟས་རྣམས་གཡས་སྦྱོར་གྱིས་བོད་ལུགས་ལོ་སར་སྲུང་བརྩི་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་སྐོར་ཨ་མེ་རི་ཀའི་གསར་ཁང་སྐད་གྲགས་ཆེ་ཤོས་གྲས་Boston Globe་ཡི་ཟས་རིགས་ལེ་ཚན་ནང་བཀོད་འདུག་ལ། ལོ་གསར་སྐབས་རོལ་སྲོལ་ཡོད་པའི་བོད་ཀྱི་ཁ་ཟས་གཡས་སྦྱོར་བྱེད་པའི་རྒྱུད་རིམ་དང་རྒྱུ་ཆ་ཞིབ་འབྲི་བྱེད་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དང་བོད་མི་སྐྱབས་བཅོལ་བའི་མི་ཚེ། ལོ་ངོ་༣༠་ལྷག་གི་རྗེས་སུ་ཕ་ཡུལ་བོད་དུ་ལོག་ཐུབ་མ་བྱུང་ན་ཡང་ཨ་མ་ལགས་ལ་མཇལ་རྒྱུ་མ་རག་པ་བཅས་བོད་ཀྱི་བུད་མེད་དེ་ཡིས་ཟ་མ་གཡས་སྦྱོར་སྐབས་སུ་གསར་འགོད་པར་གླེང་མོལ་དང་ཕྱིར་དྲན་བྱེད་པ་ཞིབ་འབྲི་བྱེད་འདུག བོད་ཀྱི་བུད་མེད་དེ་ནི་ལོ་ན་༥༠་ཡས་མས་ཡིན་པའི་ཤར་རླུང་སྒྲོལ་དཀར་ཞུ་བཞིན་ཡོད་པ་དང་ད་ལྟ་ཨ་མེ་རི་ཀའི་ནང་གནས་སྡོད་བྱེད་བཞིན་ཡོད་འདུག

XS
SM
MD
LG