ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་གི་པར་ལ་ཕྱག་འཚལ་དགོས་པ།


འདི་ག་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་༡༥་ཉིན་མོར་བོད་ནང་གི་གནས་ཚུལ་སྙན་ཐོ་ཞེས་པའི་དཔྱད་ཞིབ་ཀྱི་ཡིག་ཆ་ཞིག་སྤེལ་ཡོད་པ་དེར་ཉེ་དུས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་སྐབས་༡༡་པའི་ཚོགས་འདུ་ཐེངས་༢་པའི་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་ཏཱ་ལ་ཁ་བྲལ་ཤོག་ཁག་གི་རྒྱབ་སྐྱོར་པ་ཚོར་ཁ་གཏད་ནན་པོ་གཅག་རྒྱུའི་ལངས་ཕྱོགས་བརྟན་པོ་ཡིན་པ་གསལ་སྟོན་བྱས་ཡོད་ཅིང་། སྐབས་དེར་བོད་ཀྱི་ཤར་ཕྱོགས་ཁུལ་དུ་མང་ཚོགས་ལ་༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམ་པའི་སྐུ་པར་ལ་ཕྱག་འཚལ་མཆོད་འབུལ་བྱ་རྒྱུའི་ཚབ་ཏུ་སྲིད་འཛིན་ཞིས་ཅིན་ཕིང་གི་སྐུ་པར་སྒྲིག་གཤོམ་གྱིས་ཕྱག་འཚལ་དགོས་པའི་བཀའ་རྒྱ་བཏང་འདུག་ཅེས་གནས་ཚུལ་སྤེལ་བ་ཞིག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG