ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་གཞུང་སྒོ་བརྒྱབ་ནས་ཉིན་༢༡་དང་དེའི་ལ་གྱོང་གུན།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་གཞུང་གྲོན་དངུལ་རྩིས་ཀྱི་འཆར་གཞི་ལ་གྲོས་མཐུན་ཡོང་ཐུབ་ཀྱི་མེད་པའི་རྐྱེན་གྱིས་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་ནས་ཉིན་༢༠་འགྲོ་བཞིན་ཡོད་ཅིང་། ད་དུང་ཡང་སྲིད་གཞུང་སྒོ་བརྒྱབ་པའི་དཀའ་ངལ་འདི་མགྱོགས་མྱུར་ངང་དུ་སེལ་ཐུབ་རྒྱུའི་རེ་བ་མེད་པར་མི་མང་པོ་ཞིག་ལ་བློ་འཚབ་ཧ་ཅང་ཆེན་པོ་ཡོད་པ་རེད། སྲིད་གཞུང་སྒོ་བརྒྱབ་པའི་སྟབས་ཀྱིས་གཞུང་གི་ལས་མི་འབུམ་བརྒྱད་ལྷག་ལ་ལས་ཀ་མེད་པའམ། ཡང་ན་གླ་ཕོགས་དུས་ཐོག་ཏུ་མ་རེག་པར་དཀའ་ངལ་འཕྲད་བཞིན་ཡོད་པར་མ་ཟད། སྲིད་གཞུང་སྒོ་བརྒྱབ་པ་དེ་ལ་བརྟེན་ནས་ཨ་མི་རི་ཀའི་གཞུང་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བཅས་ཕྱོགས་གང་ཐད་དུ་གྱོང་གུན་ཆེན་པོ་ཕོག་གི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG