ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རི་དང་ཐེ་ཝན། རྒྱ་གར་བཅས་ལ་ཁ་གཏད་གཅོག་དགོས།


༄༅།། རྒྱ་ནག་གི་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་རྒྱལ་ཁབ་ཀྱི་གཙོ་འཛིན། དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཚོགས་པའི་དབུས་དམག་དོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་མི་དམངས་བཅིངས་འགྲོལ་དམག་གི་མཉམ་འབྲེལ་དམག་འཐབ་ཀྱི་ནུས་པར་ཡར་རྒྱས་གཏོང་བའི་ཤུགས་སྣོན་རྒྱག་དགོས། མི་དམངས་བཅིངས་འགྲོལ་དམག་གིས་ཨ་རི་དང་ཐེ་ཝན། རྒྱ་གར་བཅས་ལ་འཐབ་རྒོལ་བྱེད་ཐུབ་པའི་འཐབ་འཁྲུག་གི་གྲ་སྒྲིག་འཐུས་ཚང་བྱ་དགོས་ཞེས་ཕྱི་ལོ་༢༠༡༩་ལོའི་བཅིངས་འགྲོལ་དམག་གི་བཀའ་རྒྱ་དང་པོ་ཟེར་བ་དེ་བཏང་ཡོད་པའི་སྐོར། འདི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀྲུང་ཁྲང་ཕང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG