ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕུ་ཀྲིན་གྱིས་ཨ་རིར་གྲོས་མོལ་བྱ་འདོད་ཡོད་སྐད།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་ལ་རེས་གཟའ་ཉི་མའི་ཉིན་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་ཞུ་བའི་ཕྱག་བྲིས་ཤིག་གནང་སྟེ་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་གནད་དོན་སྣ་མང་ཞིག་གི་ཐོག་ཏུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་འཁོད་ཡོད་པའི་གསར་འགྱུར་རྣམས་ཨུ་རུ་སུའི་གཞུང་གིས་ཕྱིར་བསྒྲགས་བྱས་འདུག འདི་ནི་ཨ་རི་དང་ཨུ་རུ་སུའི་ཆེས་མཐོའི་འགོ་ཁྲིད་རྣམ་གཉིས་སླར་ཡང་མཇལ་འཕྲད་གནང་ཐུབ་རྒྱུའི་ཐབས་ཤེས་རིམ་པ་ཞིག་བྱས་པར་དོན་འབྲས་མ་གསོན་པའི་རྗེས་སུ་བྱུང་བ་ཞིག་ཡིན་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG