ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༦/༢༤

རྒྱ་ནག་དང་ཁེ་ན་ཌའི་འབྲེལ་བ་ཇེ་སྡུག


རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ལས་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝེན་ཀྲུག་ཟླ་བ་འདིའི་མགོ་སྟོད་དེར་ཨ་མི་རི་ཀའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་བཀག་ཉར་བྱས་པ་དང་། དེར་བརྟེན་རྒྱ་ནག་གིས་ཀྱང་ཁེ་ན་ཌའི་སྤྱི་དམངས་ཁག་ཅིག་སྔ་རྗེས་སུ་འཛིན་བཟུང་བྱས་ནས་ཁྲིམས་འགལ་གྱི་ལས་འགུལ་སྤེལ་པའི་ནག་ཉེས་བཙུགས་ནས་ལན་པ་སློག་གི་ཡོད་ཅིང་། ཕྱི་ཟླ་༡༢་ཚེས་༢༧་ཉིན་རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་ཤིག་ལ་ཉལ་ཐ་ནག་ཚོང་གི་ནག་ཉེས་བཙུགས་ཡོད་པར་མ་ཟད། ཁེ་ན་ཌའི་གཞུང་གིས་རང་གི་ས་ཐོག་ཏུ་རྒྱ་ནག་ནས་ཡོང་བའི་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་བ་༢༠༠༠་ཡས་མས་ཤིག་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG