ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྡི་ལིའི་སློབ་གྲྭ་ཁག་ཏུ་སེམས་ཀྱི་ཞི་བདེའི་སློབ་ཚན་འགོ་འཛུགས།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོའི་ཡར་རྒྱས་དང་མཉམ་དུ་ནང་སེམས་ཀྱི་ཞི་བདེ་དགོས་གལ་ཆེན་པོ་ཡིན་ཞེས་བཀའ་སློབ་ལན་མང་ཕེབས་ཡོད་པ་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སློབ་གྲྭ་ཁག་ཏུ་ནང་སེམས་ཀྱི་ཞི་བདེའི་སློབ་ཚན་ཞིག་སློབ་ཁྲིད་བྱ་རྒྱུའི་ཐག་གཅོད་བྱུང་སྟེ། ལོ་འདིའི་ཕྱི་ཟླ་༧་པའི་ཚེས་༢་ཀྱི་ཉིན་མོར་༧གོང་ས་མཆོག་གིས་ལྡི་ལིའི་སློབ་གྲྭ་ཁག་ཏུ་བདེ་སྐྱིད་ཀྱི་འཛིན་གྲྭའི་ལེ་ཚན་ཐོག་མ་དེ་དབུ་འབྱེད་གནང་ཡོད་ཅིང་། ལྡི་ལི་མངའ་སྡེའི་གཞུང་གིས་རང་གི་མངའ་སྡེ་དེའི་སྤྱི་དམངས་སློབ་གྲྭ་ཁག་ཏུ་ནང་སེམས་ཀྱི་བདེ་སྐྱིད་ཀྱི་ལེ་ཚན་ཞིག་སློིབ་ཁྲིད་བྱེད་ཀྱི་ཡོད་པར་སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པའི་མྱོང་ཚོར་བྱུང་ཡོད་སྐོར། ཕུན་ཚོགས་ཚེ་རིང་ཕྱོགས་བསྒྲིགས་བྱས་པའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG