ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐུ་ལུས་བོད་པ་དང་ཐུགས་དགོངས་རྒྱ་གར་བ།


༄༅།། དེང་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱངས་ནས་ཕྱི་ནང་གི་ཆོས་ཞུ་བ་སེར་སྐྱ་སྟོང་ཚོ་མང་པོར་གསུང་ཆོས་གནང་བཞིན་ཡོད་ཅིང་། རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱི་གསར་འགོད་པས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པའི་སྐབས་སུ་མགོན་པོ་གང་ཉིད་ཀྱི་སྐུ་ལུས་ནི་བོད་པ་ཡིན་རུང་ཐུགས་བསམ་བཞེས་ཕྱོགས་ནི་རྒྱ་གར་བ་ཞིག་ཡིན་ཞེས་བཀའ་ལན་བསྩལ་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG