ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀཿ་ཐོག་དགེ་རྩེ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ།


ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་༡༩་ཉིན་བལ་ཡུལ་དུ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཅིང་། ཕྱི་ཟླ་༡༢་པའི་ཚེས་༢༥་དང་བོད་ཟླ་༡༡་པའི་ཚེས་པ་༡༨་ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་ལ་བསྟུན་ནས་ཀཿ་ཐོག་དགེ་རྩེ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྐུ་གདུང་ཞུགས་འབུལ་གནང་འདུག་པའི་ཞིབ་ཕྲའི་གནས་ཚུལ་དེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་པའི་གསར་འགྱུར་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG