ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་རྒྱལ་སྲུང་དྲུང་ཆེ་འཕྲལ་དུ་འཕོ་འགྱུར།


༄༅།། ཉེ་ཆར་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ཇཱིམ་མེ་ཊི་སི་ཡིས་རང་གི་ལས་གནས་ནས་དགོངས་པ་ཞུས་པར་ཕྱོགས་མང་པོ་ཞིག་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་བརྗོད་དྲག་གཔོ་འཕོག་གི་ཡོད་ཅིང་། ཐོག་མའི་འཆར་གཞི་ལྟར་ན་རྒྱལ་སྲུང་དྲུང་ཆེས་ལོ་རྗེས་མའི་ཕྱི་ཟླ་༢་པའི་ཟླ་མཇུག་བར་དུ་རྒྱལ་སྲུང་དྲུང་ཆེའི་ཐུགས་འགན་མུ་མཐུད་དུ་བཞེས་ཆོག་ཅེས་དགོངས་ཤོག་ཏུ་བཀོད། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་ཁོང་ཁྲོ་ཆེན་པོ་ལངས་ནས་རྒྱལ་སྲུང་དྲུང་ཆེ་ཇཱིམ་མེ་ཊི་སི་ཡིས་འཕྲལ་དུ་རང་གི་ལས་མཚམས་འཇོག་དགོས་ཞེས་བསྒྲགས། དེར་བརྟེན་ཉེ་ལམ་ཟླ་ཤས་ཤིག་ནས་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱལ་སྲུང་དྲུང་ཆེ་མེ་ཊི་སི་གཉིས་འབྲེལ་བ་བཟང་པོ་མེད་པ་དང་ཞེ་འཁོན་གྱི་རྣམ་འགྱུར་ཇེ་གསལ། ཁོ་ཚོ་སི་རི་ཡ་དང་ཨབ་གྷ་ཎི་སི་ཐན་ལ་འཛིན་པའི་ཨ་མི་རི་ཀའི་དམག་དོན་སྲིད་ཇུས་ཐོག་ཏུ་ལྟ་བ་མ་མཐུན་པའི་འགལ་ཟླ་ཇེ་ཆེར་ཕྱིན་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG