ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག ལ་འཚོལ་ཞིབ་མཉེན་ཆས་བཟོ་རྒྱུ་ཕྱིར་འཐེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གུ་གུལ་འཕྲུལ་རིག་བཟོ་ཚོང་ཁང་གིས་རྒྱ་ནག་ལ་དམིགས་བསལ་གྱི་འཚོལ་ཞིབ་མཉེན་ཆས་ཤིག་བཟོ་འཆར་ཡོད་པ་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཞིག་ཐོན་གྱི་ཡོད་ཅིང་། རྒྱ་ནག་ལ་དམིགས་བསལ་གྱི་འཚོལ་ཞིབ་མཉེན་ཆས་ཞིག་བཟོ་རྒྱུ་ཕྱིར་འཐེན་བྱས་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བསྔགས་བརྗོད་བྱས་ཡོད་པ་མ་ཟད། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་གུ་གུལ་འཕྲུལ་རིག་བཟོ་ཚོང་ཁང་གི་མཐོ་རིམ་ལས་སྣེ་ཞིག་གྲོས་ཚོགས་སུ་འབོད་འགུགས་བྱས་ནས་ཉན་ཞིབ་བྱས་པ་དང་། ཐོག་མར་གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་གི་དགོས་འདུན་ལྟར་དམིགས་བསལ་གྱི་འཚོལ་ཞིབ་མཉེན་ཆས་ཤིག་བཟོ་རྒྱུའི་མོས་མཐུན་བྱས་པར་བོད་པ་དང་ཡུ་གུར་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་དམངས་གཙོའི་རྒྱལ་ཁབ་ཁག་གིས་ངོ་རྒོལ་བྱས་འདུག ལས་གཞི་འདིར་ངོ་རྒོལ་བྱེད་མཁན་ཚོས་གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་དམིགས་བསལ་གྱི་འཚོལ་ཞིབ་མཉེན་ཆས་ཤིག་བཟོ་རྒྱུ་མཚམས་འཇོག་གཙང་མ་ཞིག་བྱས་པ་ར་འཕྲོད་གསལ་པོ་ཞིག་མ་བྱུང་བར་དུ་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG