ངོ་འཕྲད་བདེ་བའི་དྲ་འབྲེལ།

གུ་རུ་ནཱ་ནག་མཐོ་སློབ་ཏུ་བྱམས་བརྩེའི་གསུང་བཤད།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་དུ་ཚུགས་པའི་གུ་རུ་ནཱ་ནག་མཐོ་སློབ་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་མཐོ་སློབ་དེར་ཆིབས་སྒྱུར་བསྐྱངས་ནས་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་བཅས་ཀྱི་བརྗོད་གཞིའི་ཐོག་ཏུ་གསུང་བཤད་གནང་ཡོད་ཅིང་། གསུང་བཤད་དེར་ཆོས་ལུགས་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོབ། བོད་དོན་དང་རྒྱ་གར་གྱི་གནའ་བོའི་ལེགས་བྱང་རྣམས་སླར་གསོ་བྱ་རྒྱུ་བཅས་༧གོང་ས་མཆོག་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་བཀའ་སློབ་བསྩལ་པར་མ་ཟད། རྒྱ་གར་ནི་ཆོས་ལུགས་འདྲ་མིན་གྱི་རྗེས་འཇུག་པ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་བཀུར་དང་ཞི་མཐུན་མཉམ་གནས་བྱེད་པའི་གནས་སྟངས་ཧ་ཅང་བཟང་པོ་ཡོད་པ་ཞིག་ཡིན། འདི་ནི་འཛམ་གླིང་ཀུན་གྱིས་མིག་དཔེ་ལྟ་ས་ཞིག་རེད་ཅེས་བསྔགས་བརྗོད་མཛད་ཡོད་པའི་སྐོར། དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG