ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱི་ཤཱི་གྷན་གཙུག་ལག་སློབ་གྲྭས་ཁུང་ཙིའི་སློབ་གླིང་ལ་འབྲེལ་བ་གཅོད་རྒྱུ།


ཨ་མི་རི་ཀའི་མཱི་ཤཱི་གྷན་གཙུག་ལག་སློབ་གྲྭས་ལོ་རྗེས་མ་ནས་བཟུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྩོད་གླེང་ཆེ་བ་དང་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་བཙུགས་པའི་ཁུང་ཙིའི་སློབ་གླིང་ལ་འབྲེལ་བ་གཅོད་འཆར་ཡོད་ཅེས་ཐག་གཅོད་བྱས་འདུག རྒྱ་ནག་གི་ཤེས་རིག་ལྷན་ཁང་ལ་འབྲེལ་བ་ཡོད་པའི་ཁུང་ཙིའི་སློབ་གླིང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་ཆེན་བརྒྱ་ཕྲག་མང་པོར་ཡན་ལག་བཙུགས་ནས་རྒྱ་ནག་གཞུང་གི་ལྟ་བ་དང་ལངས་ཕྱོགས། རྒྱ་ནག་དམར་ཤོག་གི་སྲིད་ཇུས་ཁྱབ་སྤེལ་བཏང་སྟེ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཡོད་པར་མ་ཟད། ཁུང་ཙིའི་སློབ་གླིང་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་སྐྱོན་འཛུགས་ཕོག་གི་ཡོད་པའི་སྟབས་ཀྱིས་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་མང་དག་ཅིག་ལ་བློ་འཚབ་བྱུང་སྟེ་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་པའམ། ཡང་ན་སློབ་གླིང་དེར་འབྲེལ་བ་གཅོད་ཀྱི་ཡོད་པའི་སྐོར། ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG