ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་རྡུལ་ཕྲན་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལྟེ་གནས་ཏེ། ཡུ་རོབ་རྒྱལ་ཁབ་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་དོན། ཕྱི་ལོ་༡༩༨༧་ལོར་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་འཕེན་འབྲིང་མེ་ཤུགས་འཕུར་མདེལ་རྣམས་བཟོ་མི་ཆོག་པའི་ཆིངས་ཡིག་ཅིག་བཞག་པར་ཨུ་རུ་སུས་བརྩི་སྲུང་དང་ལེན་ཚུལ་བཞིན་བྱས་མེད་ཅིང་། དེར་བརྟེན་ཨ་མི་རི་ཀ་ཕྱོགས་གཉིས་ཀྱི་ཆིངས་ཡིག་དེའི་ཁོངས་ནས་ཕྱིར་འཐེན་བྱ་འཆར་ཡོད། གལ་སྲི་ཉིན་གྲངས་༦༠་ཐམ་པའི་ནང་ཚུད་དུ་ཨུ་རུ་སའི་གཞུང་གིས་རང་སྐྱོན་ལ་ཡོ་བསྲང་མ་བྱས་ན་ཨ་མི་རི་ཀས་ཆིངས་ཡིག་དེ་ནུས་མེད་དུ་གཏོང་འཆར་ཡོད་ཞེས་མཐའ་ཚིག་བསྒྲགས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG