ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝེ་ཅིང་ཧྲིང་གིས་ཞིས་ཅིན་ཕིང་ལ་སྐྱོན་བརྗོད།


ཨ་མི་རི་ཀར་བཙན་བྱོལ་དུ་བཞུགས་ཡོད་པའི་རྒྱ་ནག་གཞུང་དང་ལྟ་ཚུལ་མི་མཐུན་མཁན་ཝེ་ཅིང་ཧྲིང་གིས་མི་མང་པོ་ཞིག་ལ་རྒྱ་ནག་གི་སྒྱུར་བཅོས་སྒོ་དབྱེའི་བྱས་རྗེས་ཚང་མ་ཏིན་ཞའོ་ཕིང་གི་བྱས་རྗེས་ལ་བརྩིས་པ་དང་རྒྱ་ནག་གུང་ཁྲན་དམར་ཤོག་གི་སྒེར་གཅོད་དབང་སྒྱུར་དེར་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆུང་དུ་ཕྱིན་འདུག་ཅེས་ཧྥ་རན་སིའི་གསར་འགོད་པས་བཅའ་འདྲི་ཞུས་པའི་སྐབས་སུ་གསལ་སྟོན་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG