ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་གྱིས་ཚོང་ལས་གྲོས་མོལ་སྣེ་འཁྲིད་རྒྱུ།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་ཁོང་གི་བློན་ཆེན་ལྷན་ཁང་གི་དཔོན་རིགས་གང་འཚམ་ཞིག་གིས་རྒྱ་ནག་ལ་ཚོང་དོན་གྲོས་མོལ་གྱི་སྣེ་ཁྲིད་གནང་རྒྱུ་ཡིན་ཞེས་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་སི་ཊི་ཝིན་མུ་ནུ་ཆིན་གྱིས་ཁ་སང་རེས་གཟའ་ཟླ་བའི་ཉིན་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲིའི་སྐབས་སུ་དེ་ལྟར་གསུངས་ཡོད་པ་དང་ཆབས་ཅིག་ གཟའ་མཇུག་དེར་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཀྱིས་ཚོང་དོན་ལ་གོས་མོལ་བྱས་ནས་དུས་ཚོད་ངེས་ཅན་གྱི་མཐུན་གྲོས་བྱུང་བ་ནི་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། ཨ་མི་ར་ཀའི་བློ་འཚབ་ཁག་སེལ་རྒྱུར་རྒྱ་ནག་གི་ངོས་ནས་དོན་དངོས་ལ་མཐུན་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་ཆོད་སེམས་གསལ་པོ་ཞིག་འཆང་ཡོད་པ་གསལ་སྟོན་བྱེད་ཀྱིན་འདུག་ཅེས་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེས་བཅར་འདྲི་དེའི་སྐབས་སུ་གསུངས་ཡོད་པ་སོགས་ཀྱི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG