ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གྱི་གྲོས་ཆོད།


ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནར་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་སྐབས་སུ་རྒྱལ་སྤྱིའི་ཁྲིམས་ལུགས་དང་བཅོས་སྒྱུར་ལ་གཞི་བཟུང་ཐོག་ཏུ་ཚོང་འབྲེལ་གྱི་འཐབ་རྩོད་ཁག་སེལ་དགོས་པའི་གྲོས་མཐུན་བྱུང་ཡོད་ཅིང་། དེ་བཞིན་སའི་གོ་ལའི་ཚ་དྲོད་རྒྱས་པ་འགོག་ཐབས་ཀྱི་གྲོས་མཐུན་དེར་ཨ་མི་རི་ཀ་གཏོགས་ ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གིས་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་སོགས་ཐེངས་འདིའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་པའི་ཚོགས་འདུའི་ཐོག་ཏུ་གནས་ཚུལ་ཇི་བྱུང་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG