ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྔ་པའི་ན་གཞོན་ཞིག་གིས་རང་སྲེག་ངོ་རྒོལ།


དེ་རིང་ཕྱི་ལ་མིང་གསང་བ་བྱེད་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན་སྤྱི་ཟླ་༡༡་པའི་ཚེས་༤་ཉིན་བོད་མདོ་སྨད་རྔ་པའི་ཕྱོགས་སུ་བོད་པ་ན་གཞོན་མིང་ལ་རྡོར་བྷོ་ཞེས་པ་ཞིག་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་ཅིང་གསེར་ཞལ་མྱུར་དུ་མཇལ་བར་ཤོག་ཅེས་སྐད་འབོད་བྱེད་ཞོར་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

རང་སྲེག་ངོ་རྒོལ་བ་རྡོར་བྷོ་ནི་རྔ་པ་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་ཞིང་། ད་ལྟ་ང་ཚོས་མུ་མཐུད་དུ་ཁུངས་ལྡན་དང་ཞིབ་ཕྲ་གནས་ཚུལ་རྩད་གཅོད་བྱེད་བཞིན་ཡོད།

XS
SM
MD
LG