ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བསྐྱར་འགེལ།


4일 이란 테헤란에 있던 과거 미국 대사관 앞에서 이란 학생들이 미국 대사관 점거사건 39주년을 기념하여 모인 가운데 학생들이 "타도 미국(Don with U.S.A.)"가 적힌 모자를 쓴 '엉클 샘' 모형을 들고 행진하고 있다.

༄༅།། ཕྱི་ཟླ་༡༡་པའི་ཚེས་༥་ཉིན་ཨ་མི་རི་ཀས་བསྐྱར་དུ་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པ་དང་། ཁ་སང་གཟའ་ཉི་མའི་ཕྱི་དྲོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་མི་རི་ཀས་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུ་བསྐྱར་དུ་ལག་ལེན་བསྟར་པ་ཡིན། འདི་ནི་སྔོན་ཆད་བྱུང་མྱོང་མེད་པའི་ཉེས་ཆད་དྲག་པོ་ཞིག་ཡིན་ཞེས་བཤད། ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་ཆེ་མཐོང་དང་མཚན་སྙན་བརྫད་སོང་། མཐར་ཐུག་གི་ཕམ་ཉེས་ཨ་མི་རི་ཀར་འབྱུང་ངེས་ཡིན་ཞེས་སྐྱོན་བརྗོད་བྱས་པར་མ་ཟད། ཨི་རན་གཞུང་གིས་ཨ་མི་རི་ཀ་གཅིག་པུས་རྒྱལ་སྤྱིའི་གྲོས་མཐུན་ཞིག་བརྩི་མེད་གཏོང་ཐབས་མེད། ཨི་རན་གཞུང་གིས་སྔར་བཞིན་༢༠༡༥་ལོར་མིང་རྟགས་བཀོད་པའི་གྲོས་མཐུན་དེར་རྩ་འཛིན་བྱ་རྒྱུ་ཡིན། གྲོས་མཐུན་དེར་མིང་རྟགས་འགོད་མཁན་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཨི་རན་ལ་ཚོང་འབྲེལ་གཅོད་མི་ཆོག་ཅེས་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་སྟེ། ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་ང་ཚོས་ཨ་མི་རི་ཀས་བཙན་འགེལ་བྱས་པའི་ཉེས་ཆད་འཁུར་རྒྱུ་མིན། ཨི་རན་གྱིས་རང་གི་ཐོན་སྐྱེད་གཙོ་བོ་རྡོ་སྣུམ་ཕྱིར་ཚོང་དང་ཨི་རན་གྱི་དངུལ་ཁང་ཁག་གི་ཚོང་ལས་རྣམས་མཚམས་འཇོག་བྱ་རྒྱུ་མིན། ཨི་རན་དང་ཨ་མི་རི་ཀ་གཉིས་ལ་ཚོང་དམག་ཅིག་ལངས་ཡོད། ཨ་མི་རི་ཀས་ཨི་རན་གྱི་རྡོ་སྣུམ་ཐིགས་པ་གཅིག་ཀྱང་བཙོང་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་ང་ཚོས་སྔར་བཞིན་རྡོ་སྣུམ་ཕྱིར་ཚོང་བྱ་རྒྱུ་ཡིན་ཞེས་ཨ་རིའི་ཚོང་ལས་བཀག་སྡོམ་ལ་ངོ་རྒོལ་བྱས་འདུག

༢༠༡༥་ལོར་ཨ་མི་རི་ཀ་དང་ཨི་རན་གཙོས་དབྱིན་ཇི་དང་ཧྥ་རན་སི། རྒྱ་ནག་དང་ཨུ་རུ་སུ། འཇར་མན་ཎི་བཅས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དྲུག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་ཨ་མི་རི་ཀས་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་རྒྱུ། ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་ཚོས་ཞིབ་འཇུག་བྱེད་ཆོག་པའི་གྲོས་མཐུན་བྱུང་ཞིང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མའི་དུས་སུ་ཨ་མི་རི་ཀ་དང་ཨི་རན་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱས་ཀྱང་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གྱིས་ཨི་རན་དང་ཨ་མི་རི་ཀའི་རྡུལ་ཕྲན་གྲོས་མཐུན་དེར་དགེ་མཚན་མི་འདུག ལོ་བཅོ་ལྔའི་རྗེས་སུ་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་ཆོག་གི་འདུག་ཅེས་རྒྱུ་མཚན་བགྲངས་ནས་གྲོས་མཐུན་དེར་བརྩི་མེད་བཏང་སྟེ་ཨི་རན་ལ་བསྐྱར་དུ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུའི་ཐག་བཅད། ཨི་རན་ལ་ཚོང་འབྲེལ་བཙུགས་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་དུས་ཡུན་ཟླ་བ་༦་གི་རྗེས་སུ་ཨི་རན་ལ་ཚོང་ལས་འབྲེལ་གཅོད་དགོས། གལ་སྲིད་ཨི་རན་ལ་ཚོང་འབྲེལ་མ་བཅད་ན་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་དེ་དག་གིས་ཨ་མི་རི་ཀར་ཚོང་ལས་འབྲེལ་གཅོད་དགོས་ཞེས་ཐ་ཚིག་བསྒྲིགས།

ཡུ་རོབ་མཉམ་འབྲེལ་གྱིས་ཨི་རན་ལ་ཚོང་འབྲེལ་གཅོད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་པ་དང་རྒྱ་ནག་གིས་ཨ་མི་རི་ཀས་བསྐྱར་དུ་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པ་ནི་ཨ་མི་རི་ཀར་ཨི་རན་གྱི་རྡོ་སྣུམ་དང་ནོར་སྲིད་ཚན་ཁག་ལ་ཐེ་གཏོགས་བྱེད་ཆོག་པའི་དབང་ཚད་མེད་ཀྱང་ལག་རིང་བསྐྱངས་ནས་ཐེ་གཏོགས་བྱེད་ཀྱིན་འདུག རྒྱ་ནག་དང་ཨི་རན་གཉིས་ཀྱིས་མིང་རྟགས་བཀོད་པའི་ཚོང་ལས་ཀྱི་གྲོས་མཐུན་ཁག་རྒྱུན་འཁྱོངས་བྱ་རྒྱུ་ཡིན། རྒྱ་ནག་གིས་ཨི་རན་ལ་ཚོང་འབྲེལ་བཙུགས་ཡོད་པ་རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ་བྱུང་མེད། སུ་ཞིག་ཡིན་རུང་ཕྱོགས་གཅིག་རྐྱང་པས་གྲོས་མཐུན་ལ་བརྩི་མེད་གཏོང་གི་ཡོད་པར་རྒྱ་ནག་གི་ངོ་རྒོལ་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཁ་རྡུང་བཏང་འདུག ཨི་རན་ནས་རྡོ་སྣུམ་ནང་འདྲེན་བྱེད་མཁན་གཙོ་བོ་ཞིག་རྒྱ་ནག་དང་རྒྱ་གར། ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཏུར་ཀི་དང་ཨི་ཊི་ལི་སོགས་ཡིན་རུང་ཉི་ཧོང་དང་ལྷོ་ཀོ་རི་ཡས་ཨི་རན་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མཚམས་བཞག་ཟིན་པ་དང་། ཨ་མི་རི་ཀས་གོང་འཁོད་རྒྱལ་ཁབ་༨་ལ་ཨི་རན་ནས་རྡོ་སྣུམ་ནང་འདྲེན་བྱེད་ཆོག་པའི་དམིགས་བསལ་སྟེར་རྒྱུ། དུས་ཡུན་ཟླ་བ་༦་གི་རྗེས་སུ་དམིགས་བསལ་ཐོབ་པའི་རྒྱལ་ཁབ་དེ་དག་གིས་ཀྱང་རྡོ་ཨི་རན་ནས་སྣུམ་ནང་འདྲེན་བྱེད་མི་ཆོག་པའི་ཐག་གཅོད་བྱས་ཀྱང་རྒྱ་དཀར་ནག་གཉིས་ཀྱིས་ཟླ་བ་༦་གི་རྗེས་སུ་ཨི་རན་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་རྒྱུ་ཡིན་མིན་ཁས་ལེན་གཙང་མ་ཞིག་བྱས་མེད་པ་རེད།

ཨ་མི་རི་ཀས་ཨི་རན་གྱི་སྤྱི་དམངས་སྒེར་པ་དང་གཞུང་སྒེར་གཉིས་ཀྱི་བཟོ་ཚོང་ལས་ཁང་༧༠༠་ཙམ་ཐོ་གཞུང་ནག་པོར་བཀོད། རྒྱལ་སྤྱིའི་དངུལ་ཁང་ཁག་དང་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཐོ་གཞུང་ནག་པོར་འཁོད་པའི་ཨི་རན་གྱི་སྤྱི་སྒེར་གཉིས་ཀར་ཚོང་འབྲེལ་གཅོད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་དང་། གལ་སྲིད་ཨི་རན་གྱི་སྤྱི་སྒེར་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་མ་བཅད་ན་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་དེ་དག་གིས་ཨ་མི་རི་ཀའི་དངུལ་ཁང་ཁག་ལ་ཚོང་འབྲེལ་འཛུགས་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཉམས་ཞིབ་པ་ཕལ་ཆེ་བས་དགུན་ཁ་འདིར་རྒྱལ་སྤྱིའི་རྡོ་སྣུམ་ཁྲོམ་རར་རྡོ་སྣུམ་གྱི་རིན་གོང་འཕར་རྒྱུ། ཨི་རན་གྱི་རྡོ་སྣུམ་བཀག་པའི་ཁ་གསབ་རྣམས་གང་ནས་མཁོ་འདོན་བྱ་དགོས་མིན་ངེས་གཏན་མེད་པ་དང་། སོ་ཌི་ཨ་རེ་བྷི་ཡ་གཅིག་པུར་ཨི་རན་གྱི་རྡོ་སྣུམ་བཀག་བཀག་པའི་ཁ་གསབ་མཁོ་འདོན་བྱེད་ཐུབ་པའི་ཐོན་སྐྱེད་ཡོད་ཀྱང་སོ་ཌི་ཨ་རེ་བྷི་ཡས་རྒྱུན་ལྡན་གྱི་རྡོ་སྣུམ་ཐོན་སྐྱེད་ལས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་མིན་གསལ་བོ་མེད། ཨི་རན་གྱི་རྡོ་སྣུམ་མེད་ན་རྒྱལ་སྤྱིའི་རྡོ་སྣུམ་ཁྲོམ་རར་ཉིན་ལྟར་རྡོ་སྣུམ་ལྕགས་ཟོམ་ས་ཡ་གཅིག་རེ་ཇེ་ཉུང་དུ་འགྲོ་ཡི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨི་རན་ལ་བསྐྱར་དུ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུ་དང་ཨ་མི་རི་ཀ་ཨི་རན་གྱི་རྡུལ་ཕྲན་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ནས་བཟུང་། ཨི་རན་གྱི་དངུལ་ལོར་འཛའ་ཐང་ཆག་པ་དང་དངོས་ཟོག་གི་རིན་གོང་འཕར་བ། ཨི་རན་གྱི་མི་དམངས་དཀྱུས་མ་ཚོར་སླར་ཡང་སྨན་དང་འཚོ་བའི་མཐུན་རྐྱེན་རྣམས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་མི་ཆོག་པ་དང་ཨི་རན་གྱི་དངུལ་ཁང་ཁག་དང་རྒྱལ་སྤྱིའི་དངུལ་ཁང་ཁག་ལ་ཚོང་འབྲེལ་ཆད་ནས་དཀའ་ངལ་འཕྲད་རྒྱུ། ཨ་མི་རི་ཀའི་ཨི་རན་ལ་བསྐྱར་དུ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་མ་བྱས་པའི་ཆུད་ཚོད་འགའ་ཞིག་གི་སྔོན་དེར་ཨི་རན་བ་སྟོང་ཕྲག་མང་པོས་རྒྱལ་ས་ཐེ་རན་དུ་ཨ་མི་རི་ཀར་ངོ་རྒོལ་ཁྲོམ་སྐོར་བྱས་ནས་༡༩༧༩་ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ཏེ་ཨ་མི་རི་ཀའི་གཞུང་ཚབ་ཁང་ལ་ཨི་རན་གྱི་སློབ་ཕྲུག་ཚོས་དཔུང་འཇུག་བྱས་ནས་ལོ་༣༩་འཁོར་པའི་དུས་དྲན་ལ་སྲུང་བརྩི་ཞུས་འདུག

XS
SM
MD
LG