ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱུད་གཅིག་ལམ་གཅིག་དང་རྒྱ་གར་གྱི་ལངས་ཕྱོགས།


༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་ཅེས་པའི་རྒྱལ་སྤྱིའི་ཚོང་འབྲེལ་ལས་གཞི་གསར་པའི་ཁ་གཡང་ཇི་ལྟར་བསྒྲགས་ཀྱང་ལས་གཞི་དེ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་དུ་ཚུད་ཐབས་དང་། མཐར་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་ལས་རིགས་ཀྱི་དཀྱིལ་འཁོར་ནང་དུ་བསྡུ་ཐབས་ཀྱི་དམིགས་ཡུལ་ཞིག་ཡིན་པ་རྒྱ་གར་གྱིས་ཐོག་མ་ནས་ངོས་ཟིན་ཡོད་ཅིང་། དེར་བརྟེན་རྒྱ་གར་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ལས་གཞི་ལ་མངོན་གསལ་དོད་པོས་ངོ་རྒོལ་དང་། ཁོ་ཚོས་ཕྱི་གསལ་ནང་གསལ་གྱི་ལངས་ཕྱོགས་བརྟན་པོ་ཞིག་བཟུང་སྟེ། ད་ལྟ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞིའི་ཁོངས་སུ་ཞུགས་རྒྱུའི་གྲོས་མཐུན་བཞག་ཟིན་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞི་དེའི་ཕུགས་བཅངས་དམིགས་ཡུལ་ལ་དོགས་ཟོན་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་ཁག་ཅིག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱེད་བཞིན་ཡོད་པ་སྟེ། དཔེར་ན་ཨ་ཧྥི་རི་ཀའི་རྒྱལ་ཁབ་སེ་རཱ་ལེ་འོང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱེད་མཁན་རྒྱལ་ཁབ་གསར་ཤོས་དེ་ཆགས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG