ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དབུས་ཨ་མི་རི་ཀར་དཔལ་འབྱོར་རོགས་རམ་གཅོད་རྒྱུ།


དེང་སྐབས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གསུམ་ནས་མི་སྟོང་ཕྲག་མང་པོ་ཨ་མི་རི་ཀར་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་རྒྱུའི་དམིགས་ཡུལ་འཆང་ནས་ལམ་ཐག་སྤྱེ་ལེ་བརྒྱ་ཕྲག་མང་པོར་རྐང་ཐང་དུ་ཨ་རིའི་ཕྱོགས་སུ་ཡོང་གི་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་མི་ཚོགས་དེའི་ཁྲོད་དུ་དཀྱིལ་ཤར་ས་ཁུལ་ནས་ཡོང་ནས་བའི་ཁ་ཆེ་ཚོ་འདུག་ཅེས་སྐྱོན་འཛུགས་བྱས་པར་མ་ཟད། ཁོང་གིས་ཨ་མི་རི་ཀས་གོ་ཊ་མ་ལ་དང་ཧུན་དྷུ་ར་སི། ཨལ་ས་ཝྭ་དྷོར་བཅས་སྐྱབས་བཅོལ་བའི་མི་ཚོགས་དེའི་འབྱུང་ཁུངས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གསུམ་ལ་དཔལ་འབྱོར་རོགས་རམ་གཅོད་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་ཕབ་སྒྱུར་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG