ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་དང་ཊམ་གཉིས་ཀྱི་ཟུར་མཇལ་གཏན་ཁེལ།


འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ལོ་འཁོར་ཚོགས་ཆེན་ཟླ་བ་རྗེས་མའི་ཟླ་མཇུག་ཏུ་འཚོགས་འཆར་ཡོད་ཅིང་། སྐབས་དེར་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཚོགས་འདུའི་ཞོར་དུ་ཟུར་མཇལ་བྱ་རྒྱུ་གཏན་ཁེལ་འདུག་ཅེས་རྒྱ་ནག་ལྷོ་ཕྱོགས་ཕོ་ཉར་མིང་འདོན་གསལ་བོར་བྱེད་འདོད་མེད་པའི་གནས་ཚུལ་འབྱུང་ཁུངས་ཤིག་གིས་བརྗོད་འདུག

གལ་ཏེ་རྒྱ་ནག་དང་ཨ་མི་རི་ཀའི་འགོ་ཁྲིད་རྣམ་གཉིས་སྐབས་དེར་ཟུར་དུ་མཇལ་འཕྲད་བྱུང་ཚེ། འདི་ནི་ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཞིང་། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་ལས་ཀྱི་རྩོད་གཞི་ཆེན་པོ་ཞིག་མགོ་བརྩམས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཟུང་མཇལ་འཕྲད་འབྱུང་གི་ཡོད་པ་ཐོག་མ་དེར་འགྱུར་རྒྱུ་ཡིན་མོད། འོན་ཀྱང་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀས་གཞུང་འབྲེལ་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཟུར་མཇལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་གསལ་བསྒྲགས་གང་ཡང་སྤེལ་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG