ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞ་ལུའི་བུ་སྟོན་མཆོག་སྤྲུལ་སྐུ་གཤེགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཟླ་བ་འདིའི་ཚེས་བཅོ་ལྔའི་ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་སྨན་ཁང་ཞིག་ཏུ་ཞ་ལུའི་བུ་སྟོན་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་སྙུང་གཞིའི་རྐྱེན་པས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བུ་སྟོན་མཆོག་སྤྲུལ་རིན་པོ་ཆེ་ནི་༡༩༧༥་ལོར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་སྐུ་འཁྲུངས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བུ་སྟོན་མཆོག་སྤྲུལ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགེ་ཚུལ་གྱི་སྡོམ་པ་བསྩལ།

དམ་པ་དེ་ཉིད་ཐོག་མར་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་དགའ་ལྡན་ཁྲི་ཐོག་༡༠༣་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་གཙུག་ཏུ་བསྟེན་ནས་གསན་བསམ་གནང་བར་མ་ཟད། ས་སྐྱ་བདག་ཆེན་དང་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་སོགས་རིས་མེད་ཀྱི་བླ་མ་རྣམས་བསྟེན་ནས་གསན་བསམ་གནང་འདུག

གཤམ་ལ་དམ་པ་དེ་ཉིད་ལ་འབྲེལ་བ་དམ་ཟབ་ཡོད་པའི་དགེན་ཚུལ་ཁྲིམས་ལགས་སུ་ཞ་ལུའི་བུ་སྟོན་མཆོག་སྤྲུལ་གྱི་རྣམ་ཐར་མདོར་བསྡུས་ཤིག་རྡོ་རྗེ་ཚེ་བརྟན་གྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG