ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་མཐོ་སྒང་དུ་ཆར་པ་འབེབས་ཐབས།


རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་འཕྲུལ་རིགས་ལག་རྩལ་ལ་བརྟེན་ནས་ཆར་འབེབསའཕྲུལ་ཆས་ཀྱི་ཐབས་རྩལ་མང་པོ་བཀོལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་ཆར་འབེབས་འཕྲུལ་ཆས་མང་པོི་འཛུགས་དགོས་པའི་རྒྱུ་མཚན་ནི་བོད་ཀྱི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་རྒྱ་ནག་ནང་ལོགས་སུ་བཞུར་བཞིན་པའི་ཆུ་བོ་ཆེ་གྲས་ཀྱི་འབྱུང་ཁུངས་ཡིན་པའི་སྟབས་ཀྱིས་རྒྱ་ནག་གི་ཆུའི་དཀའ་ངལ་རྣམས་ཆུ་མགོ་ནས་སེལ་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་འཁོད་ཡོད་པ་ལྟར་ན་རྒྱ་ནག་ཐན་ཧི་ཞེས་པའི་བཟོ་ལས་ཁང་གིས་བོད་ཀྱི་ས་ཐོག་གི་མིའི་ཐབས་ཀྱིས་ཆར་འབེབས་ཀྱི་ཚོད་ལྟ་ཆེན་པོི་ཞིག་བྱ་རྒྱའི་ལས་གཞི་ཞིག་འགོ་ཚུགས། ལས་གཞི་དེའི་འོག་ཏུ་བོད་ཀྱི་ས་ཆའི་རི་ཁུལ་དུ་ཆར་འབེབས་ཀྱི་རྫས་སྦྱོར་མེར་སྲེག་གི་མེ་ཐབ་ཁྲི་སྟོང་མང་པོ་བཙུགས་ནས་བོད་ཀྱི་ས་ཁུལ་གྱི་ལོ་རེའི་ཆར་འབབ་ཚད་གཞི་སྨི་གྲུ་བཞི་མ་དུང་ཕྱུར་བརྒྱ་ཙམ་མང་རུ་གཏོང་ཐུབ་ཀྱི་ཡོད་ཅེས་གསར་འགྱུར་འཁོད་སྤེལ། ལས་གཞི་འདི་ནི་རྒྱ་ནག་ཆིན་ཧྭ་སློབ་ཆེན་གྱི་ཞིབ་འཇུག་པ་དག་གིས་སྤྱི་ལོ་༢༠༡༦་ལོར་གསར་དུ་བཏོད་པ་ཞིག་རེད། གལ་སྲིད་མིའི་ཆར་འབེབས་ཀྱི་ལས་གཞི་འདི་ལེགས་གྲུབ་བྱུང་བ་ཡིན་ན་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་དྲུག་ལ་ཆར་པ་འབབ་ཚད་མང་རུ་གཏོང་ཐུབ་པར་བརྗོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG