ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིན་ཅང་ལ་ཧཱ་ལཱ་ཟས་སྤྱོད་བཀག་འགོག


ཞིན་ཅང་ས་གནས་ཀྱི་རྒྱ་ནག་གི་གཞུང་འཛིན་མི་སྣ་ཚོས་ཁ་ཆེའི་ཆོས་ཕྱོགས་ཀྱི་ཟས་སྤྱོད་ཧཱ་ལཱ་བཀག་འགོག་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་དེར་བསྐྱར་དུ་ལས་འགུལ་གསར་པ་ཞིག་སྤེལ་གྱི་ཡོད་པར་པར་མ་ཟད། རྒྱ་ནག་གཞུང་གིས་ཞིན་ཅང་ལ་བཀག་ཉར་ཁང་བཙུགས་ནས་ཡུ་གུར་བ་ཚོར་བསྐྱར་དུ་བསམ་བློའི་སློབ་གསོ་བཏང་སྟེ་ཐལ་སྐྱོད་རིང་ལུགས་པའི་ཤུགས་རྐྱེན་བཀག་འགོག་གི་ཡོད་ཟེར་པ་ཁྲིམས་མཐུན་དུ་སྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG