ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་བ་ཀརྨ་པ་འཛམ་གླིང་ཆོས་ལུགས་ཚོགས་ཆེན་ལ་ཞུགས་འཆར།


༄༅། །འདི་ལོའི་ཟླ་བ་༡༡་པར་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌའི་གྲོང་ཁྱེར་ཆེན་པོ་ཊོ་རོན་ཊོ་ཞེས་གྲགས་པ་དེར་འཛམ་གླིང་གི་ཆོས་ལུགས་ཚོགས་ཆེན་ཞིག་འཚོགས་འཆར་ཡོད་ཅིང་། ད་ལོའི་ཚོགས་ཆེན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གདན་འདྲེན་ཞུས་པ་ལྟར་གང་ཉིད་ཆིབས་སྒྱུར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། ལོ་འདིའི་ཚོགས་ཆེན་དེ་ཊོ་རོན་ཊོ་གྲོང་ཁྱེར་གཞུང་གིས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཐོག་མར་འཛམ་གླིང་གི་ཆོས་ལུགས་མཐུན་ཚོགས་འདི་ཨ་རིའི་ཆི་ཁ་གྷོ་གྲོང་ཁྱེར་དུ་ཚུགས་པ་དང་ཚོགས་ཆེན་སྔ་ཤོས་དེ་དུས་རབས་༡༩་པའི་དཀྱིལ་དུ་ཨ་རིར་ཚོགས་འདུག ཚོགས་ཆེན་དེ་ནི་འཛམ་གླིང་གི་ཆོས་ལུགས་འདྲ་མིན་རྣམས་གྲོས་མོལ་དང་གྲོས་བསྡུར་བྱེད་པའི་གླེང་སྟེགས་ཤིག་ཡིན་པར་མ་ཟད། ༢༠༡༨་ལོའི་འཛམ་གླིང་གི་ཆོས་ལུགས་ཚོགས་ཆེན་ཐོག་ཏུ་ཡེ་ཤུ་དང་ནང་པ་སོགས་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་དང་མཁས་དབང་རྣམས། རྩོམ་པ་པོ་དང་ཁྲིམས་རྩོད་པ། ཁོར་ཡུག་སྲུང་སྐྱོབ་པ་དང་སྐྱེ་ཁམས་ཆེད་ལས་པ་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།། རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཟླ་ ༡༠ པའི་ཚེས་༢༧ དང་༢༨ཉིན་ཊོ་རོན་ཊོར་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མའི་བཀའ་ཁྲིད་དང་བཀའ་དབང་གནང་རྒྱུ་རེད་འདུག མཛད་རིམ་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་མཛད་རིམ་གོ་སྒྲིག་གནང་མཁན་ཊོ་རོན་ཊོའི་ཀརྨ་བསོད་ནམས་དར་རྒྱས་གླིང་གི་ཆོས་དགེར་བཀའ་འདྲི་ཞུས་པ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG