ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་མཇལ་འཕྲད།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེག་ཕམ་ཕིའོ་གཟའ་ཟླ་བའི་ཉིན་འཁྱུག་ཙམ་རིང་ལ་རྒྱ་ནག་ཏུ་ཕེབས་པ་མཇུག་བསྒྲིལ་ཏེ་རང་ཡུལ་ལ་ཕྱིར་ལོག་ཟིན་ཡོད་ཅིང་། ཐེངས་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་མཇལ་འཕྲད་བྱུང་བ་ལས་སྲིད་འཛིན་ཞིས་ཅིན་ཕིང་ལ་མཇལ་འཕྲད་བྱུང་མེད་པར་མ་ཟད། ཨ་རི་དང་རྒྱ་ནག་ཡུལ་གྲུ་གཉིས་ཀྱི་ཕྱི་སྲིད་ལས་དོན་གྱི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱི་མཇལ་འཕྲད་ཀྱང་ཕན་ཚུན་སྐྱོན་བརྗོད་ཤུགས་ཆེན་བྱེད་རེས་ཀྱི་ཐོག་ཏུ་མཇུག་བསྒྲིལ་ཡོད་པ་ནི་ཕྱོགས་གཉིས་ཀྱི་ཚོང་ལས་ཀྱི་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་གྱིན་འདུག་ཅེས་སྲིད་དོན་དབྱེ་ཞིབ་པ་ཚོས་གསུངས་པ་དང་། ད་དུང་རྒྱལ་ཁབ་གཉིས་ཀྱི་ཚོང་དམག་གི་ཁེ་གྱོང་ཐོག་ཏུ་རྒྱ་ནག་ལ་གྱོང་གུད་ཆེ་བ་ཡོད་པ་སྟེ། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་༡་དང་ཕྱེད་ཀ་ལྷག་ཙམ་ཆག་སྲིད་ཅེས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩང་ཁང་གིས་སྔོན་དཔག་གནང་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG