ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

རྒྱ་གཞུང་གིས་མེང་ཧུང་ཝེ་ལ་ལྐོག་ཟའི་ཉེས་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱལ་སྤྱིའི་ཉེན་རྟོག་ཚོགས་པའི་རྒྱ་ནག་གི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པར་རྒྱ་ནག་གཞུང་གིས་ཞིབ་གཅོད་བྱེད་བཞིན་ཡོད་ཅིང་། དེ་རིང་པེ་ཅིང་སྲིད་གཞུང་གིས་མེང་ཧུང་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

མེང་ཧུང་ཝེ་ཟེར་པའི་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་བ་ཟུར་པ་འདིས་སྔོན་ཆད་རྒྱ་ནག་གི་སྤྱི་དམངས་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པའི་ལས་འགན་ཁུར། སྤྱི་ལོ་༢༠༡༦་ལོ་ནས་བཟུང་སྟེ་རྒྱལ་སྤྱིའི་ཉེན་རྟོག་ཚོགས་པའི་རྒྱ་ནག་གི་ཉེན་རྟོག་པའི་འགོ་ཁྲིད་ལ་བསྐོས། དེ་རིང་གཟའ་ཟླ་ཉིན་རྒྱ་གཞུང་གི་དྲྭ་རྒྱའི་ཐོག་ཏུ་ཆེད་བསྒྲགས་ཤིག་སྤེལ་ནས་མེང་ཧུང་ཝེས་བསམ་བཞིན་སྤེལ་པའི་བྱས་ཉེས་ཁག་ལ་གཞུང་གི་ཞིབ་གཅོད་བྱེད་བཞིན་ཡོད། ནག་ཉེས་འདི་དག་དོ་བདག་རང་ལ་མ་གཏོགས་གཞན་པ་སུ་ལའང་གཡོགས་ས་མེད་ཅེས་བཀོད། དེ་རིང་གི་གསལ་བསྒྲགས་དེས་གནད་དོན་འདིར་དྲི་བ་མང་པོ་ཞིག་ཡོད་པ་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དབང་འཛིན་འོག་ཏུ་སྲིད་གཞུང་དང་ལྟ་བ་མི་མཐུན་མཁན་དང་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཕོག་པའི་མི་སྣ། ཞིས་ཅིན་ཕིང་ལ་བློ་གཏད་མི་བྱེད་མཁན་གྱི་འགོ་ཁྲིད་ཁག་ཕྱི་གསལ་ནང་གསལ་མེད་པར་འཛིན་བཟུང་དང་ནག་འཛུགས་བྱེད་བཞིན་པའི་དུས་སུ་བྱུང་བ་ཡིན་པའི་དོགས་པ་ཞིག་སློང་།

ཁ་སང་གཟའ་ཉི་མར་ཉིན་ཧྥ་རན་སིར་ཡོད་པའི་མེང་ཧུང་ཝེའི་ཆུང་མས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མེང་ཧུང་ཝེ་སྐྱོབ་ཐབས་བྱ་དགོས་པའི་སྙན་ཞུ་ཕུལ་ནས་ཆུ་ཚོད་གཅིག་གི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པས་མེང་ཧུང་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་པ་ཡིན། ཁོ་པའི་གྱོད་གཞི་དེར་ཞིབ་གཅོད་བྱེད་བཞིན་ཡོད་ཅེས་གསལ་བསྒྲགས་སྤེལ་རུང་རྒྱལ་སྤྱིའི་ཉེན་རྟོག་ཚོགས་པས་མེང་ཧུང་ཝེ་རང་གི་ལས་གནས་ནས་གནང་བ་ཞུས་པ་རེད་ཅེས་བསྒྲགས། རྒྱལ་སྤྱིའི་ཉེན་རྟོག་ཚོགས་པའི་གསལ་བསྒྲགས་ནང་དུ་བཀོད་པ་ལྟར་ན་ཁ་སང་གཟའ་ཉི་མར་མེང་ཧུང་ཝེས་རང་གི་ལས་གནས་ནས་གནང་བ་ཞུས་པའི་དགོངས་ཤོག་འབྱོར་ཡོད་པ་རེད།

XS
SM
MD
LG