ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་སྲིད་འཛིན་གཞོན་ཕཎ་སེ་མཆོག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་གསུང་བཤད་གནང་སྐབས་བོད་དོན་གླེང་བ།


དེ་ཡང་ཨ་རིའི་སྲིད་འཛིན་གཞོན་པ་ཕཎ་སེ་མཆོག་ནས་རེས་གཟའ་ཕུར་བུ་དང་སྤྱི་ཚེས་༤ཉིན་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་ཡོངས་ཁྱབ་ཀྱི་གསུང་བཤད་གནང་ཡོད་པའི་ནང་རྒྱ་ནག་གིས་ཨ་རིའི་དམངས་གཙོར་ཐེ་ཇུས་འགོག་རྐྱེན་བཟོས་པར་སྐྱོན་བརྗོད་དྲག་པོ་གནང་བ་དང་། ད་ལྟ་བར་ཨ་རིས་རྒྱ་ནག་དང་འབྲེལ་བ་བྱས་པའི་བརྒྱུད་རིམ་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་ཐད་ཁེ་ཕན་ལྡན་པའི་གོ་སྐབས་མང་པོ་བསྐྲུན་ཡོད་རུང་། རྒྱ་ནག་ཕྱོགས་ནས་ཁ་བརྟན་ཚིག་ལ་གནས་མེད་པ་དེར་སྐྱོན་བརྗོད་གནང་ཡོད་ལ། ད་དུང་ཁོང་གིས་གསུང་བཤད་ནང་རྒྱ་ནག་ནང་ཡི་ཤུ་ཆོས་པ་ཚོའི་ཁྲོད་དམ་བསྒྲགས་བྱས་པ་མ་ཟད། བོད་ནང་འཛིན་པའི་སྲིད་ཇུས་ཐོག་སྐྱོན་བརྗོད་གནང་བར། བོད་ནང་གྲ་བཙུན་ཚུད་པའི་བོད་མི་༡༥༠ཙམ་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་དམ་བསྒྲགས་བྱས་ཤིང་། ཡུ་གུར་མི་རིགས་ཚོའི་ཁྲོད་ལ་ཡང་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད།

XS
SM
MD
LG