ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྔ་པའི་གྲྭ་བ་གསུམ་གྱིས་བོད་ལ་རང་དབང་དགོས་ཞེས་སྐད་འབོད།


བཞུགས་སྒར་དྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་ཕྱི་ལོ་༢༠༡༨་ཀྱི་ཕྱི་ཟླ་༩་ཚེས་༥་ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་རྡོ་རྗེ་རབ་བརྟན་དང་། ཡང་ཕྱི་ལོ་༢༠༡༨་ཀྱི་ཕྱི་ཟླ་༩་ཚེས་༦་ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་གཞོན་བསྟན་འཛིན་དགེ་ལེགས་གཉིས་ཀྱིས་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པའི་སྐབས་སུ་དེ་མ་ཐག་ཏུ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག་ཅིང་། དེ་བཞིན་ཕྱི་ཟླ་༩་ནང་དུ་རྔ་པའི་རྫོང་མཁར་དུ་གྲྭ་བ་གཞན་ཞིག་གིས་ཀྱང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ཐོན་མོད། འོན་ཀྱང་གྲྭ་བ་དེའི་མཚན་སོགས་ཤེས་རྟོག་བྱུང་མ་སོང་ཞེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG