ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་ནང་རྒྱ་མི་རིགས་ཀྱི་ནང་ཆོས་སློབ་གཉེར་ཉམས་རྒུད།


རྒྱ་ནག་གཞུང་གིས་ཆོས་ལུགས་ཁྱབ་ཁོངས་སུ་འཛིན་པའི་སྲིད་ཇུས་འདིས་རྒྱ་ནག་ནང་གི་ནང་ཆོས་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། རྒྱ་རིགས་ཀྱི་ནང་པའི་དགེ་འདུན་པ་ཁྲི་ཕྲག་བརྒལ་བ་ཡོད་ཀྱང་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་འཇོག་ཐུབ་པའི་རྒྱ་ནག་གི་ནང་ཆོས་ཉམས་ལེན་པ་ཐོན་གྱི་མེད་ལ། རྒྱའི་དགོན་པ་ཁག་ནི་ཚོང་ལས་རྩ་འཛིན་བྱེད་སར་གྱུར་བ་དང་སྐྱོན་ཆ་ཡོ་བསྲང་བྱ་རྒྱུའི་རང་དབང་གི་ལྟ་ཚུལ་འདོན་མཁན་མེད་པ་བཅས་ལས་ཆོས་ལུགས་ཁྱབ་ཁོངས་སུ་སྨྲ་བརྗོད་འགོག་པའི་གནས་སྟངས་འདི་བྱུང་ཡོད་ཅིང་། ལྷག་པར་དུ་ད་ལྟ་རྒྱ་ནག་ནང་པའི་དགོན་པ་ཁག་ཏུ་ཆབ་སྲིད་དང་ལྐོག་ཟའི་གནས་སྟངས་འོག་ནང་པའི་ལྟ་གྲུབ་ཉམས་ལེན་དང་སློབ་གཉེར་བྱེད་པའི་ལམ་སྲོལ་འདི་རྩ་སྟོང་འགྲོ་བཞིན་པའི་གནས་ཚུལ་ཐོན་བཞིན་ཡོད་པའི་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG