ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྔ་པ་སྒོ་མང་སྒར་གྱི་གྲྭ་བ་ཁག་ཅིག་འཛིན་བཟུང་།


རྒྱ་གཞུང་གིས་བོད་མི་ལྔ་འཛིན་བཟུང་།
please wait

No media source currently available

0:00 0:02:09 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གཞུང་གིས་བོད་མི་ལྔ་འཛིན་བཟུང་།

ཉེ་ཆར་རྒྱ་ནག་གི་ཁང་པ་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་ཞིག་གིས་རྔ་པ་སྒོ་མང་སྒར་གྱི་མདུན་ཐང་དུ་ཐོག་ཁང་གསར་པ་འཛུགས་སྐྲུན་བྱ་རྒྱུའི་མགོ་བརྩམས། དགོན་པའི་གྲྭ་དམངས་ཀྱིས་ཐེངས་མང་པོར་རྫོང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་དགོན་པའི་མདུན་ཐང་དེར་ཁང་པ་འཛུགས་སྐྲུན་མི་བྱེད་པའི་རེ་སྐུལ་ཞུས་ཀྱང་དེ་ལ་སྣང་མེད་བྱས་པར་མ་ཟད། སྤྱི་ཟླ་༩་པའི་ཚེས་༡༡་ཉིན་ཚོགས་ཆེན་དགེ་བསྐོས་ཤཱཀྱ་དང་དབུ་མཛད་ཟུར་པ་ཆོས་རྗེ་གཉིས་གཙོས་དགེ་འདུན་པ་ཉི་ཟླ་དང་སྐལ་བཟང་། གནས་བཟང་སོགས་སྒོ་མང་དགོན་པའི་གྲྭ་བ་བཅུ་ཡས་མས་ཤིག་འཛིན་བཟུང་བྱས་འདུག ཁོ་ཚོ་འཛིན་བཟུང་བྱས་ནས་ཉིན་གཉིས་འགོར་པའི་རྗེས་སུ་ཚོགས་ཆེན་དགེ་བསྐོས་སོགས་མི་ཁ་ཤས་ཤིག་གློད་གྲོལ་བཏང་རུང་མི་ལྔ་ཡས་མས་ཤིག་མུ་མཐུད་དུ་བཀག་ཉར་འོག་ཏུ་ཚུད། ད་ལྟ་ཁོ་ཚོ་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་དུང་རྔ་པ་སྒོ་མང་སྒར་གྱི་མདུན་ཐང་དུ་ཁང་པ་འཛུགས་སྐྲུན་བྱ་ཡུལ་དངོས་རེད་ཅེས་བརྙན་ཐུང་ཞིག་ཀྱང་དྲྭ་ལམ་ཁྱབ།

བརྙན་ཐུང་དེའི་ནང་དུ་དགེ་འདུན་པ་ཚོས་གཞུང་གི་འགོ་ཁྲིད་ཚོར་འགྲེལ་བརྗོད་བྱས་དོན། ང་ཚོས་སྲིད་གཞུང་ལ་དགའ་བསུ་ཞུ་ཡི་ཡོད། ང་ཚོས་ཉིན་ལྟར་སྲིད་གཞུང་གི་ཁ་ལ་ཉན་གྱི་ཡོད། ད་ལྟ་བར་དུ་གཞུང་གི་ཁ་ལ་ཉན་ནས་བསྡད་པ་ཡིན། ད་ཐེངས་གནས་ཚུལ་བྱུང་བ་ནི་ང་ཚོར་མི་རིགས་དབྱེ་འབྱེད་ཀྱིས་མཐོང་ཆུང་བྱས་པ་ཞིག་དང་དགོན་པར་མཐོང་ཆུང་བྱས་པ་ཞིག་རེད། ང་ཚོས་འཐུས་ཚབ་ཀྱི་མི་སྣ་བཏང་སྟེ་ཁ་བཏགས་འཁྱེར་ནས་ཞུ་བ་འཐེན་དུ་བཅར་ཀྱང་ང་ཚོའི་རེ་འདུན་ལ་སྣང་འཇོག་བྱས་མ་སོང་། དེར་བརྟེན་ང་ཚོའི་ལྷ་སྡེ་མི་སྡེ་ཡོངས་ལ་ཁོང་ཁྲོ་བསླངས་སོང་། ང་ཚོར་ཐབས་ཤེས་མི་འདུག ཁྱེད་ཀྱིས་གནས་ཚུལ་འདི་ཐག་གཅོད་བྱེད་པའི་རེ་བ་ཡོད། ཁྱེད་ལ་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད། རྒྱ་གཞུང་གི་འགོ་ཁྲིད་དེས་ཀྱང་དགོན་པའི་སྐུ་ཚབ་སོགས་མངགས་པ་ཡིན་ན་གནད་དོན་འདི་རྫོང་གི་ལས་ཁུངས་ཁག་གིས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱང་འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་ད་དུང་ཡང་གློད་གྲོལ་བཏང་མེད་པ་རེད།

རྔ་པ་སྒོ་མང་སྒར་ནི་སྤྱི་ལོ་༡༧༩༠་ལོར་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་ཕྱག་བཏབ་ཅིང་། དེའི་རྗེས་སུ་གུང་ཐང་བསྟན་པའི་སྒྲོན་མེས་དགོན་པའི་ཁྲི་རབས་དང་པོ་མཛད་ནས་འཆད་ཉན་གྱི་རྒྱུན་བསྐྱངས། ཕྱི་ལོ་༡༩༠༧་ལོར་ཀུན་མཁྱེན་སྐུ་ཕྲེང་བཞི་པ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་སྒོ་མང་དགོན་པའི་ཐོས་བསམ་གླིང་གསར་དུ་བཏབ་ནས་མདོ་སྔགས་ཟུང་འབྲེལ་གྱི་ཆོས་སྒར་ཞིག་ཏུ་གྱུར་ཏོ།།

XS
SM
MD
LG