ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་གྱི་ཨ་རིའི་ལས་ཁུངས་སྲུང་སྐྱོབ་པར་མཚོ་དམག་མངགས་གཏོང་།


ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་དངོས་གཞིའི་གཞུང་ཚབ་ཁང་མིན་པའི་ཨ་རིའི་སྐུ་ཚབ་མཚོན་པའི་ཉམས་ཞིབ་ཁང་ཞིག་གསར་འཛུགས་གནང་ཡོད་པ་དེའི་ལས་ཁུངས་ཀྱི་བདེ་འཇག་སྲུང་སྐྱོབ་ཆེད་དུ་མཚོ་དམག་གི་དམག་མི་བཏང་གི་ཡོད་པས་གསར་འགྱུར་ལས་ཁུངས་ཁག་གིས་ཨ་མི་རི་ཀས་ཐེ་ཝན་གྱི་ས་ཐོག་ཏུ་ཡོད་པའི་ལས་ཁུངས་དེའི་བདེ་འཇག་སྲུང་སྐྱོབ་ཆེད་དུ་མཚོ་དམག་མངགས་གཏོང་གནང་བ་དེ་ནི་ཐེ་ཝན་མཚོ་གླིང་དང་ཨ་རིའི་དམག་དོན་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་རྣམ་པ་ཞིག་ཡིན་པར་མ་ཟད། ཐེ་ཝན་གྱི་སྲིད་འཛིན་རྒྱལ་ཁབ་གཞན་ལ་ཕེབས་པའི་ལམ་ཞོར་དུ་ཨ་རིའི་ས་ཐོག་འབབ་སྡོད་ཆོག་པའི་ཐག་གཅོད་ཞིག་གནང་ཡོད་པ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཐེ་ཝན་ལ་འབྲེལ་བའི་ཐག་གཅོད་གལ་ཆེན་གཉིས་བྱས་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རྣམས་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG