ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་ལ་ཕྱི་འབྲེལ་བཅད་པར་སྐྱོན་བརྗོད།


༄༅།།དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཨེལ་ས་ཝ་ཌོ་ཡིས་ཐེ་ཝན་དང་ཕྱི་འབྲེལ་མཚམས་འཇོག་གིས་རྒྱ་ནག་དང་ཕྱི་འབྲེལ་མགོ་བཙུགས་པ་གསལ་བསྒྲགས་བྱས་པའི་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེ་ནི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པས་དེ་ཡིས་ཨ་རི་དང་ཨེལ་ས་ཝ་ཌོ་བར་གྱི་རྒྱལ་འབྲེལ་ལ་དོ་ཕོག་ཡོང་རྒྱུ་ཡིན་པར་བརྗོད་འདུག

སྤྱི་ལོ་༢༠༡༨་ལོར། ཨེལ་ས་ཝ་ཌོ་ནི་ཐེ་ཝན་དང་ཕྱི་སྲིད་འབྲེལ་ལམ་བཅད་དེ་རྒྱ་ནག་དང་ཕྱི་འབྲེལ་བསྐྱངས་པའི་རྒྱལ་ཁབ་གསུམ་པ་དེ་ཆགས་པ་དང་། ཨ་མི་རི་ཀའི་གྲོས་ཚོགས་ནང་དུ་ད་ལྟ་ཨེལ་ས་ཝ་ཌོ་ཡིས་དམངས་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་དང་ཕྱི་སྲིད་འབྲེལ་ལམ་བཅད་པར་བརྟེན་ཨ་མི་རི་ཀས་རྒྱལ་ཁབ་འདིར་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ལ་བསྐྱར་བཅོས་བྱ་རྒྱུ་ཡིན་ཞིང་། རྒྱ་ནག་གིས་དཔལ་འབྱོར་དང་ཚོང་འབྲེལ་སྤྱད་དེ་ཨ་རི་དང་མཐུན་གྲོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་བར་དུ་འགལ་ཟླ་སློང་བའི་བྱ་སྤྱོད་མཚམས་འཇོག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་ཡིན།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG