ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁ་ཆེ་གནས་སྐོར་པ་ཚོར་རྟོག་ཞིབ།


ཁ་ཆེའི་སྨྱུང་གནས་ཟླ་བ་གྲོལ་བའི་རྗེས་སུ་འཛམ་གླིང་ཡུལ་གྲུ་ཁག་གི་ཁ་ཆེ་ས་ཡ་འགའ་ཞིག་གནམ་གྲུའི་ནང་དུ་བསྡད་ནས་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་དུ་བསྐྱོད་སྲོལ་ཡོད་ཅིང་། འདི་ནི་ཁ་ཆེ་ཚོ་ལོ་གཅིག་ལ་ཐེངས་གཅིག་དང་རང་ལ་འཁོས་འབྱོར་ལྡན་ན་ཁ་ཆེ་གང་ཞིག་རང་གི་མི་ཚེའི་རིང་དེར་གནས་མཆོག་མཱེ་ཁར་ཐེངས་གཅིག་ལ་གནས་སྐོར་དུ་བསྐྱོད་དགོས་པའི་ཁ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་མཱེ་ཁར་གནས་སྐོར་དུ་སྐྱོད་མཁན་ཁ་ཆེ་ཚོའི་ངོ་སྤྲོད་ལག་འཁྱེར་ནང་དུ་དོ་བདག་དེ་ཉིད་གང་དུ་ཡོད་མེད་འཚོལ་ཞིབ་ཐུབ་པའི་ཅིབ་ལེབ་བཅུག་སྟེ། རྒྱ་ནག་གི་ཁ་ཆེ་ཚོ་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་དུ་བསྐྱོད་པའི་དུས་སུ་མི་དེ་དག་གང་དུ་ཡོད་མེད་རྒྱ་ནག་ནས་འཚོལ་བྱེད་ཐུབ་པ་ཞིག་བཟོ་སྐྲུན་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་སུའུ་ཡུས་ཀྱིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG