ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་སོ་ལོའི་རང་དབང་ལྷན་ཚོགས་ཐེ་ཝན་འཚོགས་འཆར།


རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་ཐོ་གཞུང་དུ་ཐེ་ཝན་ཞེས་བཀོད་ཡོད་པ་དེར་སྒྱུར་བཅོས་ཀྱིས་རྒྱ་ནག་གི་ཐེ་ཝན་ཞེས་འབྲི་དགོས་པའི་དགོས་འདུན་བཏོན། རྒྱ་ནག་གི་གནོན་ཤུགས་འོག་ཏུ་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གིས་དགོས་འདུན་དེར་བསྟུན་དགོས་བྱུང་བ་ནི་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཐེབས་བཞིན་པའི་གནོན་ཤུགས་ཀྱི་དཔེ་མཚོན་དུ་འགོད་ཆོག

རྒྱ་ནག་གཞུང་གིས་ཐེ་ཝན་དང་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་འདྲ་མིན་སྤྲད་དེ། ཐེ་ཝན་དེ་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་རྒྱལ་སྤྱིའི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྡིངས་ཆ་གང་རུང་དུ་ཐེ་ཝན་གྱིས་རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་ཏུ་ལས་འགུལ་སྤེལ་གྱི་ཡོད་ཚེ། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དེ་ལ་བཀག་སྡོམ་བྱེད་བཞིན་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་ཚུལ་བསྒྲགས་བཞིན་པའི་སྐབས་འདིར་ནེའུ་ཡོག་ཏུ་རྟེན་གཞི་བྱེད་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ད་ལོའི་ཨོ་སོ་ལོའི་རང་དབང་ཚོགས་ཆེན་ཐེ་ཝན་དུ་འཚོགས་གཏན་ཁེལ་ཡོད་པ་རེད། འདི་ནི་རྒྱ་ནག་ལ་དུས་དང་རན་པའི་བརྡ་ལན་ཞིག་སྤྲད་པ་ཞིག་རེད་ཅེས་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG