ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལོ་ཙྰ་བ་འཕྲིན་ལས་ཆོས་གྲགས་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྐུ་ཚེ་ཧྲིལ་བོར་རྒྱ་བོད་ལོ་ཙཱའི་ཕྱག་ལས་གནང་མྱོང་བའི་བོད་ཀྱི་ལོ་ཙྰ་བ་དང་དགེ་རྒན་ཆེན་མོ་འཕྲིན་ལས་ཆོས་གྲགས་ཉེ་ཆར་སྤྱི་ཟླ་༧་པའི་ཚེས་༢༡་ཉིན་དགུང་ལོ་༨༡་གི་ཐོག་ཏུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ནི་སྤྱི་ལོ་༡༩༣༧་ལོར་བོད་ལྗོངས་ལྷ་སར་སྐྱེས་ཤིང་། ༡༩༥༨་ལོར་རྒྱ་ནག་གི་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། སློབ་མཐར་ཕྱིན་པའི་རྗེས་སུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་དབུ་འཛིན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ནུབ་ཁུལ་གྱི་བོད་རིག་པའི་ལས་འཛིན་པ་བཅས་ཀྱི་འགན་ཁུར་བཞེས་མྱོང་ཡོད་ཅིང་། དམ་པ་དེས་ལས་འཁྱུར་ངལ་གསོའི་རྗེས་སུའང་མུ་མཐུད་དུ་ཞིབ་འཇུག་གི་ཕྱག་ལས་གནང་བའི་ཞོར་དུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཀྱི་ཐུགས་འགན་བཞེས། ཁོང་གི་སྐུ་ཚེ་རིང་དུ་ལོ་ངོ་བཞི་བཅུ་ལྷག་ལ་དགེ་རྒན་གྱི་ཕྱག་ལས་གནང་སྟེ་ཡིག་སྒྱུར་དང་རྩོམ་སྒྲིག་པ་སོགས་གནང་བའི་ཞོར་དུ་ལྷ་སའི་ལོ་རྒྱུས་ཞེས་པ་དང་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་མཛད་རྗེས། བོད་ཀྱི་གླུ་གར་ལ་རགས་ཙམ་དཔྱད་པ། གེ་སར་རྒྱལ་པོའི་སྒྲུང་གཏམ་གྱི་རིག་གནས་ནང་དོན་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཞེས་པ་སོགས་ཀྱི་དཔྱད་རྩོམ་མང་པོ་སྤེལ། ཁོང་གིས་བརྩམས་པའི་ལྷ་སའི་གནས་ཡིག་ཁག་ཅིག་ལྗོངས་གཅིག་དང་ཞིང་ཆེན་ལྔའི་བོད་ཁུལ་གྱི་སློབ་མའི་བསླབ་དེབ་ཏུ་བཀོད་ནས་བོད་ས་ཡོངས་ཀྱི་སློབ་འབྲིང་སློབ་མའི་བསླབ་དེབ་ཀྱི་གྲས་སུ་བཅུག ཕྱིས་སུ་ཁོང་གིས་རྒྱ་བོད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་དང་ད་སྔ་རྒྱ་ཡིག་གི་བརྩམས་སྒྲུང་གྲགས་ཅན་བོད་འགྱུར་བྱས་པ་ཆེས་ཡག་ཤོས་དང་། རྒྱ་བོད་ལོ་ཙཱ་བའི་མིག་དཔེར་བལྟ་ཡུལ་ཞིག་ཏུ་གྱུར་པའི་རྒྱ་ནག་གི་སྒྲུང་རིང་ཆུ་ངོགས་གཏམ་རྒྱུད་ཅེས་པ་བོད་ཡིག་ལ་བསྒྱུར་པའི་དུས་སུ་ཞུས་ཆེན་གྱི་ལོ་ཙཱ་བ་སོགས་ཀྱི་འགན་འཁྲི་བཞེས། སྐབས་དེར་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱ་བོད་ཡིག་སྒྱུར་གྱི་བྱ་དགའ་ཨང་དང་པོ་ཐོབ། ཁོང་གིས་བརྩམས་པའི་བོད་ཀྱི་ཡུལ་སྲོལ་རྣམ་བཤད་ཅེས་པ་སོགས་དབྱིན་ཡིག་དང་འཇར་མན་སྐད། སི་པེན་སྐད་སོགས་ནུབ་ཕྱོགས་ཀྱི་སྐད་ཡིག་འགའ་ཞིག་ལ་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་གནང་བའི་དུས་སུ་བོད་ལྗོངས་ས་གནས་ཀྱི་ལོ་རྒྱུས་རྒྱུ་ཆ་འདེམས་སྒྲིག་ཅེས་པ་དང་རྒྱལ་རབས་གསལ་བའི་མེ་ལོང་། བོད་རིག་པའི་ཞིབ་འཇུག་སྒྱུར་རྩོམ་དཔེ་དེབ་ལ་སོགས་མིང་གྲགས་ཅན་གྱི་དཔེ་དེབ་མང་པོ་ཞིག་རྩོམ་སྒྲིག་དང་དཔར་དུ་བསྐྲུན། སྐབས་དེར་མི་རྣམས་ཀྱི་ཡིག་རྨོངས་སེལ་བའི་ཆེད་དུ་རྨོངས་སེལ་བསླབ་དེབ་བཅུ་རྩོམ་སྒྲིག་བྱས་ཡོད་པར་ཀུན་གྱིས་དགའ་བསུ་ཐོབ། ཀྲུང་གོའི་བོད་ལྗོངས་དྲྭ་བ་ཞེས་པའི་དྲྭ་ཚིགས་སུ་མི་སྣ་གངས་རིའི་ཕྲེང་བ་ཞེས་པ་དེར་བོད་ཀྱི་མི་སྣ་གྲགས་ཅན་པ་རྣམས་ངོ་སྤྲོད་བྱེད་ཀྱི་ཡོད་པ་དེའི་ནང་དུ་ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ཀྱི་སྐུ་ཚེའི་ལོ་རྒྱུས་འཁོད་དོ།།

XS
SM
MD
LG