ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རུ་ན་ཅཱལ་མངའ་སྡེའི་ནང་དུ་བོད་པར་ངོ་རྒོལ།


༄༅།། རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཨ་རུ་ན་ཅཱལ་མངའ་སྡེའི་ཀློ་པ་མི་རིགས་ཀྱི་རྒྱལ་ཡོངས་སློབ་ཕྲུག་གཅིག་སྒྲིལ་ཚོགས་པས་རྒྱ་གར་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་མཐུན་སྦྱོར་རོགས་རམ་བྱེད་ཕྱོགས་སུ་ཕྱི་ལོ་༢༠༡༤་ལོར་སྲིད་ཇུས་གཏན་འབེབས་བྱུང་བ་ཞིག་མངའ་སྡེའི་གཞུང་གིས་ལག་བསྟར་མི་ཆོག་ཅེས་ཟླ་བ་འདིའི་ཚེས་༡༣་ཉིན་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ནས་བོད་པའི་ཚོང་ཁང་ཁག་གི་སྒོ་བཅགས་པ་དང་བོད་པ་ཚོ་ས་གནས་དེ་ནས་ཕྱིར་སོང་ཞིག་ཅེས་སྐད་འབོད་བྱས་ནས་བོད་པ་ཚོར་བརྡབ་གསིག་ཆེན་པོ་ཕོག་ཀྱང་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཁང་གི་དབུ་འཛིན་གྱིས་ངོ་རྒོལ་ལས་འགུལ་དེ་ས་གནས་ཀྱི་འོས་འདེམས་ལ་འབྲེལ་བ་ཡོད་པར་མ་ཟད། ངོ་རྒོལ་བ་རྣམས་ཀློ་པ་གྲངས་ཉུང་ཞིག་ཡིན་པ་དང་། ས་གནས་ཀྱི་ཡུལ་མི་མང་ཆེ་བས་བོད་པར་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་ཅེས་ཅེས་གསུངས་ཡོད་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཨ་རུ་ན་ཅཱལ་མངའ་སྡེ་གཞུང་གི་ཆོས་རིགས་ལས་ཁུངས་ཀྱི་དབུ་འཛིན་འཇམ་དཔལ་དབང་འདུས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG