ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་འཛིན་ཊོམ་གྱིས་ཨ་རིའི་གསང་བའི་ལས་ཁང་གི་ཞིབ་འཇུག་ལ་ཁས་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་གྱིས་རེས་བཟའ་ཟླ་བའི་ཉིན་བྱང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥིན་ལན་ཌིའི་རྒྱལ་ས་ཧེལ་སིང་ཀིར་ཨུ་རུ་སུའི་སྲིད་འཛིན་དང་མཉམ་དུ་གསར་འགོད་ལྷན་ཚོགས་བསྐོངས་ཏེ། ཁོང་གིས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུས་ཐེ་གཏོགས་བྱས་འདུག་ཅེས་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་པར་སྐྱོན་བརྗོད་བྱས་ནས་ཉི་མ་གཅིག་གི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རང་གི་གཏམ་བཤད་ལ་འགྱུར་བ་བཏང་སྟེ། ༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུས་ཐེ་གཏོགས་བྱས་འདུག་ཅེས་ཨ་རིའི་གསང་བའི་ལས་ཁང་ཁག་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཁག་ལ་ངས་ཁས་ལེན་བྱེད་ཀྱི་ཡོད་ཅེས་གསུངས་འདུག ཡིན་ནའང་སྲིད་འཛིན་གྱིས་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་ལ་ཡིད་ཆེས་མེད་པའི་བཀའ་མོལ་གནང་བར་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀའི་ཁྲིམས་བཟོ་བ་ཁག་གིས་སྐྱོན་བརྗོད་ནན་པོ་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུདལམ་ཁག་ལ་ཐོན་པའི་གན་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG