ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་གྱི་མཇལ་འཕྲད།


༄༅།། ཨ་རིའི་སྲིད་འཛིན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་རེས་བཟའ་ཟླ་བའི་ཉིན་བྱང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥིན་ལན་ཌིའི་རྒྱལ་ས་ཧེལ་སིན་ཀི་གྲོང་ཁྱེར་དུ་མཇལ་འཕྲད་གྲོས་མོལ་གནང་སྟེ། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་གྱི་མདུན་དུ་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་ལ་སྐྱོན་བརྗོད་དང་ཨུ་རུ་སུའི་གཞུང་ལ་བདེན་པ་ཡོད་པའི་གསར་འགོད་ལྷན་ཚོགས་བསྐོངས་པའི་རྗེས་སུ་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀའི་ཁྲིམས་བཟོ་བ་ཁག་དང་དཔྱད་ཞིབ་པ་ཚོས་ཨུ་རུ་སུའི་གཞུང་གིས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་ཁ་གཏད་ནན་པོ་ཞིག་གཅོག་རྒྱུའི་གོ་སྐབས་ལེན་ཐུབ་མ་སོང་ཞེས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གན་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG