ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་དུས་སུ་བོད་དོན་རྒྱབ་སྐོར་པ་ཞིག་བཀག་ཉར།


ཨུ་རུ་སུར་༢༠༡༨་ལོའི་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་སྡུར་སྐབས་སུ་ཧྥ་རན་སིའི་ཡུལ་མི་སྟེ། པི་ཁོན་ཞེས་པ་ཞིག་གིས་སྟོད་གོས་སྟེང་དུ་ཏཱ་ལའི་བླ་མ་ཞེས་དབྱིན་ཡིག་གིས་བྲིས་པ་ཞིག་གྱོན་པ་དང་རུ་ཁག་བཞིའི་འགྲན་སྡུར་དུས་སུ་པི་ཁོན་གྱིས་རྩེད་ཐང་དུ་བོད་ཀྱི་རྒྱལ་དར་འཕྱར་པས་རྩེད་མོ་འགོ་མ་ཚོགས་གོང་དུ་བོད་དོན་རྒྱབ་སྐྱོར་པ་དེ་རྩེད་ཐང་གི་བཀག་ཉར་ཁང་དུ་ཆུ་ཚོད་ཁ་ཤས་རིང་ལ་བཙོན་དུ་བཅུག་ཡོད་ཅིང་། ཧྥ་རན་སི་པ་པི་ཁོན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་རང་ཉིད་ལོ་༢༠་ཙམ་གྱི་ཡར་སྔོན་དུ་བོད་ལ་བསྐྱོད་མྱོང་ཡོད། ༧གོང་ས་མཆོག་གི་མཇལ་ཁ་ཐོབ་མྱོང་ཡོད་པས་ང་བོད་ལ་དགའ་ཞེན་བྱེད་མཁན་ཞིག་ཡིན། ངས་བོད་ཀྱི་རྒྱལ་དར་འཕྱར་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཐེངས་མང་སྤེལ་མྱོང་ཡོད་པར་མ་ཟད། ཨ་མི་རི་ཀ་དང་ཡུ་རོབ་སོགས་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པ་ཚོས་གློག་ཀླད་མདུན་དུ་དགའ་རྟགས་མནན་ནས་མ་བསྡད་པར་རང་ཁྱིམ་ནས་ཕྱི་ལ་ཐོན་ཏེ་བོད་དོན་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG