ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་ལ་ཁྲིམས་རྩོད་པ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ།


རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟའ་པ་སངས་ཉིན་མོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་། ཁྲིམས་རྩོད་པའི་ལག་འཁྱེར་གཞུང་བཞེས་བྱས་པ་རྣམས་ཕྱིར་སྤྲོད་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག་ཅིང་། འདི་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་གཞི་རྒྱ་ཆེ་བའི་དྲག་གནོན་བྱས་པའི་༧༠༩་ཡི་དོན་རྐྱེན་ཞེས་འབོད་སྲོལ་ཡོད་པ་དེའི་ལོ་༣ གྱི་དུས་དྲན་སླེབས་ལ་ཉེ་བའི་སྐབས་སུ་དོན་རྐྱེན་དེར་དོ་སྣང་བྱས་པ་ཞིག་ཡིན་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG