ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རྒྱ་གཉིས་ཀྱིས་སྒོ་ཁྲལ་སྤར་རྒྱུའི་དུས་ཆད།


སང་ཉིན་སྤྱི་ཟླ་༧་པའི་ཚེས་༦་ནས་བཟུང་སྟེ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་དངོས་སུ་སྤར་རྒྱུའི་དུས་ཆད་ཡིན་ཞིང་། རྒྱ་ནག་གིས་བརྗོད་ན་རྒྱ་ནག་ནི་ནམ་ཡང་བཙན་ཤེད་བྱེད་མཁན་ཞིག་མིན། གལ་ཏེ་ཨ་མི་རི་ཀས་སང་ཉིན་སྤྱི་ཚེས་༦་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ལག་ལེན་བསྟར་ན་རྒྱ་ནག་གིས་ཀྱང་དེ་ལ་ལན་པ་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག འདི་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་གཉིས་ཁོ་ནར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ཙམ་ཞིག་མིན་པར་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་དང་ཚོང་ལས་ལ་ཤུགས་རྐྱེན་ཐེབས་རྒྱུའི་རྩོད་གཞི་ཞིག་ཡིན་པར་མ་ཟད། འདི་ནི་ཨ་མི་རི་ཀས་བསླངས་པའི་རྩོད་གཞི་མེ་རི་འཕྱུར་པ་ལྟ་བུ་ཞིག་ལ་འགྱུར་སྲིད་ཅེས་ཉེན་བརྡ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG