ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀུན་ཕན་ཚོགས་པས་ཉལ་ཐ་ངན་གོམས་པར་རོགས་རམ།


བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀུན་ཕན་རོགས་སྐྱོར་ཚོགས་པས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུ་རྒྱུ་སྔ་བསྣུར་གྱིས་ཚོགས་པ་དེས་ལོ་ལྔའི་རིང་ལ་ཉལ་ཐ་ངན་གོམས་པ་ཚོར་བཅོས་ཐབས་དང་དཔལ་འབྱོར་རོགས་རམ་སོགས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་པའི་སྙན་ཐོའི་དུས་དེབ་ཅིག་འགྲེམ་སྤེལ་གནང་ཡོད་པར་མ་ཟད། ད་དུང་ཉལ་ཐ་ངན་གོམས་པ་ཞིག་གིས་རང་ལ་ཀུན་ཕན་རོགས་སྐྱོར་ཚོགས་པས་རོགས་ཕན་ཇི་ལྟར་ཐོབ་མིན་སོགས་ཀྱང་བཤད་ཡོད་པའི་སྐོར། ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG